ཀུ་ཤུ་ཁ་པར X དང་སེམས་སོང GALAXY S9 གཉིས་ཞིབ་བསྡུར།

ཀུ་ཤུ་ཁ་པར X དང་སེམས་སོང GALAXY S9 གཉིས་ཞིབ་བསྡུར།

སྤྱི་ལོ་༢༠༡༨་ལོར་གསར་དུ་འདོན་སྤེལ་བྱས་པའི་འཕྲུལ་རིག་གི་ཡོ་ཆས་ཁག་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། འདས་པའི་ལོ་དེ་འཕྲུལ་ཆས་དེ་དག་གསར་གཏོད་གནང་མཁན་དང་བེད་སྤྱོད་བྱེད་མཁན་གཉིས་ཀར་ཆ་མཚོན་ན། ཧ་ཅང་ངོ་མཚར་ལྡན་པའི་ལོ་ཞིག་ཆགས་ཡོད།གསར་དུ་ཐོན་པའི་འཕྲུལ་ཆས་དེ་དག་གི་ཁོངས་ནས། ཆེས་འབུར་དུ་ཐོན་པའི་ཉེར་སྤྱོད་མ་ལག་གཉིས་དེ་ཀུ་ཤུ་ X་དང་སེམས་སོང་Galaxy S9 གཉིས་ཆགས་ཡོད། དེ་ན། ཁ་པར་འདི་གཉིས་ཀྱི་ནང་ནས། ཡག་ཤོས་དེ་ག་རེ་ཡིན་མིན་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།

ང་རང་གི་བསམས་ན། ཁ་པར་འདི་གཉིས་ཀྱི་བཟང་ངན་དེ་བྱེད་ལས་ཀྱི་སྟེང་ནས་འཇོག་དགོས་པར་འདོད་ལ། གཤམ་དུ་ཁ་པར་འདི་གཉིས་ཀྱི་སྐོར་ལ་རྒྱས་བཤད་བྱས་ཡོད་པས། གང་ཡག་ཤོས་ཡིན་མིན་དེ་ཁྱེད་རང་གི་ངོས་ནས་ཐག་གཅོད་གནང་རོགས།

ཁ་པར་འདི་གཉིས་ཀྱི་གཞི་རྩའི་བྱེད་ལས་ཀྱི་ཆ་ལ་མི་འདྲ་ས་ཁ་ཤས་ཡོད། ཀུ་ཤུའི་ཉེར་སྤྱོད་མ་ལག་ལ་ཆ་མཚོན་ན། icloud་ཞབས་ཞུ་(服务器) དེ་ལུང་པ་གང་དེའི་ནང་དུ་བཞག་ཡོད་ལ། ལུང་པ་དེའི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་གསར་པ་ཁག་ལ་བརྩི་སྲུང་བྱེད་ཀྱི་ཡོད། འོན་ཀྱང་། དེ་ལས་ལྡོག་སྟེ། ཨན་ཌོ་ཁ་པར་གྱིས་དེ་ལྟར་བྱེད་ཀྱི་མེད། ད་དུང་། ཀུ་ཤུའི་ཉེར་སྤྱོད་མ་ལག་གིས་བཀོལ་ཆས་རིགས་ཀུ་ཤུའི་བཀོལ་ཆས་མཛོད་ཁང་(应用商店)་ཁོ་ན་ནས་མ་གཏོགས་ཕབ་ལེན་བྱེད་དུ་མི་འཇུག་ལ། དེ་ལས་ལྡོག་ཏེ། ཨན་ཌོ་མ་ལག་གིས་བཀོལ་ཆས་རིགས་ཡོངས་ཁུངས་སྣ་ཚོགས་ནས་ཕབ་ལེན་བྱེད་དུ་འཇུག་གི་ཡོད་དོ།།

comments powered by Disqus