གྷོ་གྷིལ་ཚང་གི་འབུ་བླ་མ་མ་ཎིའི་བཤེར་ཆས་སྒོ་བརྒྱབ།

VPN སྣང་བརྙན་སྒེར་གྱི་དྲ་བ་ནི་དྲྭ་བའི་ཞབས་ཞུ་ཞིག་ཡིན་ལ། ཞབས་ཞུ་དེས་དྲྭ་མྱུལ་བྱེད་མཁན་ཚོར། VPN ཞབས་ཞུ་ཡི་IP ཁ་བྱང་གཡར་དུ་འཇུག་གི་ཡོད་པ་མ་ཟད། དྲྭ་མྱུལ་བྱེད་མཁན་གྱི་གང་ཟག་དང VPN ཞབས་ཞུ་གཉིས་དབར་གྱི་འབྲེལ་མཐུད་གསང་སྡོམ་བྱེད་ཀྱི་ཡོད། དེར་བརྟེན།མདོར་བསྡུས་ནས་བཤད་ན། དྲྭ་བའི་ཞབས་ཞུ་འདིས་ཁྱེད་རང་དྲྭ་མྱུལ་བྱེད་དུས། ཁྱེད་ཀྱི་གློག་ཀླད་དང་ཁ་པར་གྱི་ཚབ་བྱས་ཏེ་ལས་ཀ་བྱེད་ཀྱི་ཡོད། དྲྭ་བའི་ཞབས་ཞུ་འདི་ཧ་ཅང་བཙན་པོ་དང་བརྟན་པོ་ཡོད། གང་ཡིན་ཞེ་ན་ཁྱེད་རང་གི་དྲྭ་ཐོག་གི་གནས་ཚུལ་དང་གཞི་གྲགས་ཚང་མ་གསང་སྡོམ་དང་སྦ་གསང་བྱེད་ཀྱི་ཡོད།
ཁྱེད་རང་གིས་འཛམ་གླིང་གི་ས་ཕྱོགས་གཞན་པ་ཞིག་གི་ནང་དུ་ཡོད་པའི་ VPN ཞབས་ཞུ་ཡི་IP ཁ་བྱང་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་པའི་ཆ་ནས། ཁྱེད་རང་གིས་སོ་སོའི་སྡོད་གནས་ངོ་མ་སྦས་ཏེ། འཛམ་གླིང་གི་ས་ཕྱོགས་ཡུལ་གྲུ་འདྲ་མིན་ནང་གི་དྲྭ་ཚིགས་ཡོད་ཚད་ལ་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད།
དེ་ཇི་ལྟར་བྱེད་ཐུབ་ཀྱི་ཡོད་པ་རེད་ཟེར་ན། ཁྱེད་རང་གིས་VPN་མཉེན་ཆས་གང་རུང་ཞིག་སོ་སོའི་གློག་ཀླད་དང་ཁ་པར་ནང་དུ་ནང་འཇུག་བྱས་ཡོད་ཚེ། མཉེན་ཆས་དེ་ཁ་ཕྱེས་ཏེ། དེའི་ནང་དུ་རང་ཉིད་ཀྱིས་ལྟ་ཀློག་བྱེད་འདོད་པའི་དྲྭ་ཚིགས་གང་རུང་ཞིག དཔེར་ན། ནེག་ཡོག་དུས་བབ་ལྟ་བུ་https://www.nytimes.com/ ཁ་བྱང་གཏགས་པ་ཡིན་ན། ཁྱེད་རང་ཐོག་མར་VPN་གང་དེའི་དྲྭ་བའི་ཞབས་ཞུ་ལ་མཐུད་ཀྱི་ཡོད་ལ། དེ་ནས་VPN་དེས་ཁྱེད་རང་གི་ཚབ་བྱས་ཏེ། ཁྱེད་ཀྱིས་ལྟ་འདོད་པའི་ནེག་ཡོག་དུས་བབ་ཀྱི་དྲྭ་ཚིགས་ཁ་འབྱེད་རོགས་བྱེད་ཀྱི་ཡོད། དེར་བརྟེན། བརྩད་ཞིབ་བྱེད་མཁན་ཞིག་ཡོད་པའི་དབང་དུ་བཏང་རུང་། ཁོང་གིས་ནེག་ཡོག་དུས་བབ་ཀྱི་དྲྭ་ཚིགས་དེ། ཁྱེད་རང་གིས་བེད་སྤྱོད་བྱེད་བཞིན་པའི་VPN་ཞབས་ཞུ་ཡིས་བསྔོག་གི་ཡོད་པ་མ་གཏོགས། ཁྱེད་རང་གིས་བསྔོག་གི་ཡོད་པ་རྩ་བ་ནས་ཤེས་ཐུབ་ཀྱི་མ་རེད། དེ་མ་ཚད། ཁྱེད་ཀྱིས VPN མཉེན་ཆས་ཤིག་བེད་སྤྱད་དེ། དྲྭ་ཐོག་ནས་མི་ཞིག་ལ་ཡིག་ཆ་ཞིག་བཏང་བ་ཡིན་ན། VPN ཡིས་ཁྱེད་ཀྱི་ཡིག་ཆ་དེ་དང་ཐོག་གསང་ཡིག་བཟོས་རྗེས། གཏོང་རོགས་བྱེད་ངེས་པས། སུ་ཞིག་གིས་ཀྱང་ཁྱེད་རང་གིས་བཏང་བའི་ཡིག་ཆའི་ནང་དོན་རྩ་བ་ནས་ཤེས་མི་ཐུབ།
རིན་མེད་ཀྱི་སྣང་བརྙན་སྒེར་གྱི་དྲྭ་བ VPN ཁ་ཤས་ངོ་སྤྲོད།
ཨོར་བྷོར། Orbot (VPN)
ཨོར་བྷོར་ནི་ཁྱེད་ཀྱི་ཡོ་ཆས་སྟེང་གི་བཀོལ་ཆས་གཞན་པ་ཁག་གིས་བདེ་འཇགས་ངང་དྲ་རྒྱ་བེད་སྤྱོད་བྱེད་དུ་འཇུག་བྱེད་ཀྱི་ངོ་ཚབ་བཀོལ་ཆས་(应用程序代理)ཤིག་ཡིན།ཨོར་བྷོར་བཀོལ་ཆས་དེ་ཁྱེད་ཀྱི་ཡོ་ཆས་དང་ཁྱེད་རང་མྱུལ་སའི་དྲ་ཚིགས་ཀྱི་བར་མཚམས་ན་ཡོད་པའི་འཛམ་གླིང་སྟེང་གི་གློག་ཀླད་མང་པོ་ཞིག་གི་ཁྲོད་དུ་ལྡིང་སྐོར་རྒྱག་གི་ཡོད་པས། གཞན་གྱིས་ཁྱེད་རང་རྗེས་འདེད་གཏོང་བར་དཀའ་ལས་ཁག་ཏུ་གཏོང་གི་ཡོད།
བཟོ་སྐྲུན་མཁན།: Guardian ལས་འཆར།
དྲ་ཚིགས།: https://guardianproject.info
རྒྱལ་ཁབ། : ཨ་རི།
སའེ་ཧྥོན།Psiphon(VPN)
མཉེན་ཆས་འདིས་ད་དུང་ཁྱེད་རང་སྐུད་མེད་དྲ་བར་མཐུད་དུས། ཁྱེད་རང་དྲ་རྒྱའི་དབར་དུ་གསང་བ་དང་བདེ་འཇགས་ཡིན་པའི་ཕུག་ལམ་ཞིག་བཟོས་ཏེ། ཁྱེད་རང་སྲུང་སྐྱོབ་བྱེད་ཀྱི་ཡོད།
བཟོ་སྐྲུན་མཁན།:Psiphon བཟོ་ཚོང་ཁང་།
དྲ་ཚིགས།: https://psiphon.ca
རྒྱལ་ཁབ།:ཁ་ན་ཌ
ལྒང་བཞུ། Lantern(VPN)
སོ་སོའི་དགའ་མོས་བྱེད་སའི་བཀོལ་ཆས་དང་དྲ་ཚིགས་ཁག་རེག་ཏུ་འཇུག་པར་རོགས་པ་བྱེད་མཁན་གྱི་བཀོལ་ཆས་ཤིག་ཡིན།
བཟོ་སྐྲུན་མཁན།:Innovate Labs, LLC
དྲ་ཚིགས། : https://getlantern.org
རྒྱལ་ཁབ། : ཨ་རི།
རྒྱལ་ཁབ། ཨ་རི།
– སྣང་བརྙན་སྒེར་གྱི་དྲྭ་བའི་མཉེན་ཆས་འདི་དག་གི་སྐོར་གྱི་འགྲེལ་བཤད་རྒྱས་པ་དང་། དེ་དག་རེ་རེའི་ཁྱད་ཆོས་དང་ཁེ་ཕན། ཕབ་ལེན་བྱེད་ཕྱོགས་སོགས་ཐེངས་རྗེས་མའི་རྩོམ་ཡིག་གི་ཁོངས་སུ་འདོན་སྤེལ་བྱེད་ངེས།