ཁུངས་འབྱེད་མཉེན་ཆས་ཀྱི་ཁེ་ཕན།

ཁུངས་འབྱེད་མཉེན་ཆས་ནི་གློག་ཀླད་ནང་གི་མཉེན་ཆས་ཀྱི་རིགས་ཤིག་ཡིན་ལ། དེའི་ནང་དུ། ཡོངས་ཁུངས་ཨང་ཚབ་དེ་ཁྲིམས་མཐུན་གྱི་ཆོག་མཆན་ཡོད་པའི་ཐོག་ནས་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། མཉེན་ཆས་བཟོ་སྐྲུན་བྱེད་མཁན་གྱི་ངོས་ནས། མཉེན་ཆས་བེད་སྤྱོད་གཏོང་མཁན་ལ། དམིགས་ཡུལ་གང་རུང་གི་ཆེད་དུ། མཉེན་ཆས་དེའི་སྐོར་ལ་སློབ་སྦྱོང་བྱེད་པ་དང་། འགྱུར་བ་གཏོང་བ། ཁྱབ་བརྡལ་གཏོང་བ་སོགས་ཀྱི་་ཐོབ་ཐང་ཆ་ཚང་སྤྲོད་ཀྱི་ཡོད།
ཁུངས་འབྱེད་མཉེན་ཆས་ནི་ཡོངས་ཁྱབ་མཉམ་འབྲེལ་གྱི་དཔེ་མཚོན་ཡག་ཤོས་ཤིག་ཡིན།
ཁུངས་འབྱེད་མཉེན་ཆས་ཟེར་དུས། མཉེན་ཆས་ཀྱི་ཡོངས་ཁུངས་ཨང་ཚབ་དེ་མི་ཚང་མར་རིན་མེད་ཀྱི་ཐོག་ནས་རེག་ཐུབ་ལ། ཡོངས་ཁུངས་ཨང་ཚབ་དེ་གང་ཟག་གསུམ་པ་ཞིག་གིས་ཆ་རྐྱེན་མེད་པའི་ཐོག་ནས་ལྟ་བ་དང་། འགྱུར་བ་གཏོང་བ། བེད་སྤྱོད་གཏོང་བ་སོགས་བྱེད་ཆོག ཁུངས་འབྱེད་ཟེར་ན་རིན་མེད་ལ་མི་གོ འོན་ཀྱང་། ཁུངས་འབྱེད་མཉེན་ཆས་མང་པོ་རིན་མེད་ཡིན། གནས་སྟངས་ཁ་ཤས་ཁྲོད་དུ། ཚད་མཐོ་བའི་རྒྱབ་སྐྱོར་དང་ཁྱད་ཆོས་སྣ་མང་ཡོད་པའི་ཁེ་ལས་མ་དཔེ་ཅན་གྱི་མཉེན་ཆས་ཀྱང་མཁོ་འདོན་བྱེད་ཀྱི་ཡོད།
ཁུངས་འབྱེད་གྱི་རྩ་འཛིན་དེ་ཤུགས་ཆེན་པོ་དར་ཁྱབ་ཕྱིན་ཡོད་ལ། སྐད་གྲགས་ཆེ་བའི་ཁུངས་འབྱེད་མཉེན་ཆས་ཀྱི་དཔེ་མཚོན་ཁ་ཤས་ནི། Linux, Apache, LibreOffice, Mozilla Firefox དང་ཨན་ཌོ་བཅས་ཡིན། བཟོ་ཚོང་ཁང་ཆེ་གྲས་ཀྱི་ཁོངས་སུ་ཡོད་པའི་ཉི་མ་དང་། ལྷ་སྲུང་། གྷོ་གྷིལ། Novell སོགས་ཀྱིས།མཉེན་ཆས་བཟོ་སྐྲུན་མཁན་མང་པོ་དང་བཟོ་ཚོང་ཁང་ཆུང་གྲས་ཀྱི་ཚོགས་སྡེ་ཁག་ལ་བརྟེན་པའི་ཁུངས་འབྱེད་ཀྱི་ལས་འཆར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དཔེར་ན། AOE ཡིས།Magento དང་ TYPO3 ལྟ་བུའི་མུ་མཐུད་དུ་ཁུངས་འབྱེད་མཉེན་ཆས་ཡར་རྒྱས་གཏོང་བའི་ལས་གཞི་ཁག་ལ་མཐུན་སྦྱོར་བྱེད་ཀྱི་ཡོད། མཉེན་ཆས་བཟོ་སྐྲུན་མཁན་ཚོས་རང་ཉིད་ཀྱི་ལས་ཚོགས་དང་ལས་ཞོར་གྱི་དུས་སུ་ཁུངས་འབྱེད་མཉེན་ཆས་ཡར་རྒྱས་གཏོང་བའི་ལས་གཞི་ཐད་ལ་ལས་ཀ་བྱེད་ཀྱི་ཡོད།
ཁུངས་འབྱེད་མཉེན་ཆས།
རིན་མེད་མཉེན་ཆས། མཉམ་སྡེབ་དང་བློ་འདོན་པའི་མ་རྩ་མི་དགོས།
འཕྲུལ་རིག་ཞབས་ཞུ་མཁོ་སྤྲོད་བརྒྱུད་ནས་མཉམ་སྡེབ་དང་ཡར་རྒྱས་གཏོང་བ།
བཟོ་སྐྲུན་མཁན་དང་ཞབས་ཞུ་མཁོ་སྤྲོད་ལ་འབྲེལ་མེད་ཡིན།
ཁེ་ལས་གྱི་ཆེད་དུ་ཡིན་ན་མ་གཏོགས། ཁུངས་འབྱེད་མཉེན་ཆས་བེད་སྤྱོད་བཏང་བ་ཡིན་ན། ཁྲིམས་མཐུན་ཆོག་མཆན་གྱི་ཡོན་དོད་སྤྲོད་མི་དགོས། ནང་ཁུལ་གྱི་རུ་ཁག་གམ། རང་དབང་གི་འཕྲུལ་རིག་ཞབས་ཞུ་མཁོ་སྤྲོད་ཀྱི་ངོས་ནས་མཉམ་སྡེབ་དང་།བཟོ་བཅོས། ཡར་རྒྱས་སོགས་གཏང་ཆོག
ཁུངས་འབྱེད་མཉེན་ཆས་བེད་སྤྱོད་བཏང་བ་ཡིན་ན། མཉེན་ཆས་ཀྱི་ཡོངས་ཁུངས་ཨང་ཚབ་དེ་མི་ཚང་མར་རེག་ཐུབ་ཀྱི་ཡོད། འདིས་མཉེན་ཆས་བེད་སྤྱོད་གཏོང་མཁན་ལ་ཚད་མཐོ་བའི་རང་དབང་དང་གང་ཟག་སྒེར་གྱི་ངོས་ནས་སྟབས་བསྟུན་གྱི་ལེགས་བཅོས་བྱེད་པའི་གོ་སྐབས་སྤྲོད་ཀྱི་ཡོད།འཕྲུལ་རིག་ཞབས་ཞུ་མཁོ་སྤྲོད་ཀྱི་རོགས་འདེགས་དང་ཡང་ན། རང་དབང་གི་སྒོ་ནས་བྱེད་ལས་རང་བཞིན་ལྡན་པའི་ཁ་སྣོན་ཡོ་ཆས་བེད་སྤྱོད་གཏོང་ཐུབ།
ཡོངས་ཁྱབ་ཀྱི་ཚད་གཞི།
འཕྲུལ་རིག་གི་མ་ལག་དང་མཉེན་ཆས་གཞན་པ་དང་མཐུན་སྦྱོར་གྱི་སྒོ་ནས་ལས་ཀ་བྱེད་ཐུབ།
རིན་གོང་དང་ཁྲིམས་མཐུན་ཆོག་མཆན་གྱི་ཡོན་དོད།
ཁྲིམས་མཐུན་ཆོག་མཆན་གྱི་ཡོན་དོད་དམའ་བ་དང་།འཕྲུལ་རིག་ཞབས་ཞུ་མཁོ་སྤྲོད་གང་རུང་གི་ཡར་རྒྱས་གཏོང་གི་ཡོད།
རྒྱུ་སྤུས་དང་ཁུངས་ལྡན་རང་བཞིན།
དཔྱད་ཞིབ་གྲུབ་དོན་ལྟར་ན། ཁུངས་འབྱེད་མཉེན་ཆས་ནི་ཁུངས་ལྡན་དང་། སྤུས་ཚད་མཐོ་བའི་མཉེན་ཆས་ཡིན་པ་བདེན་དཔང་བྱས་ཡོད།
རང་དབང་།
མཉེན་ཆས་བཟོ་སྐྲུན་མཁན་དང་འཕྲུལ་རིག་ཞབས་ཞུ་མཁོ་སྤྲོད་ལ་བརྟེན་མི་དགོས།
བདེ་པོ་དང་སྟབས་བསྟུན་རང་བཞིན།
ཁུངས་འབྱེད་མཉེན་ཆས་ཁག་བེད་སྤྱོད་གཏོང་མཁན་གྱི་འདོད་མོས་ལྟར་སྒྲིག་བཟོ་བྱེད་ཆོག
ཕྱི་གསལ་ནང་གསལ་གྱི་རང་བཞིན།
ཁུངས་འབྱེད་ཨང་ཚབ་ཀྱིས་ཕྱི་གསལ་ནང་གསལ་གྱི་ངོ་བོ་ཁག་ཐེག་བྱས་ཏེ། མཉེན་ཆས་ལ་ཡིད་ཆེས་བསྐྲུན་གྱི་ཡོད།
སྲ་བརྟན་རང་བཞིན་དང་བྱེད་ལས།
སྲ་བརྟན་ཡིན་པ་མ་ཟད། ཚོད་ལྟ་བྱས་ཚར་བའི་འཕྲུལ་ཆས་ཁག་གི་བྱེད་ལས་ཚད་མཐོ་བོ་ཡིན།
བདེ་འཇགས།
བདེ་འཇགས་ཀྱི་ཚད་གཞི་ཚད་མཐོ་བོ་ཡིན། བདེ་འཇགས་དང་འབྲེལ་བའི་སྟོང་ཆ་ལམ་སེང་ཁ་སྐོང་བྱེད་ཀྱི་ཡོད།
གསར་གཏོད་དང་ཡར་རྒྱས།
ཚོགས་སྡེ་ཁག་གིས་མུ་མཐུད་དུ་ཧ་ཅང་མྱུར་པོའི་ཐོག་ནས་མཉེན་ཆས་ཡར་རྒྱས་གཏོང་གི་ཡོད།