སའེ་ཧྥོན་མཉེན་ཆས།

སའེ་ཧྥོན་ནི་དྲ་རྒྱའི་བཀག་སྡོམ་གཏོར་བྱེད་ཀྱི་ཡོ་བྱད་ཅིག་ཡིན་ལ། ཡོ་བྱད་དེ་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོར་རོགས་འདེགས་བྱེད་པར་དམིགས་ནས་འཆར་འགོད་བྱས་པ་ཡིན་པས། སའེ་ཧྥོན་གྱིས་བཀག་སྡོམ་བྱས་པའི་དྲ་རྒྱའི་བཙན་རྫོང་གི་མ་ལག་ཁག་བདེ་འཇགས་ངང་གཏོར་དུ་འཇུག་གི་ཡོད། ཁྱེད་རང་སྐུད་མེད་དྲ་བར་མཐུད་དུས། སའེ་ཧྥོན་གྱིས་དྲ་རྒྱ་དང་ཁྱེད་གཉིས་ཀྱི་དབར་ལ་སྒེར་གྱི་ཕུག་ལམ་བརྟན་པོ་ཞིག་བསྐྲུན་ཏེ་ཁྱེད་རང་སྲུང་སྐྱོབ་ཀྱང་བྱེད་ཀྱི་ཡོད།
ཟུར་ཁྲིད་འདིའི་ནང་དུ། ཁྱེད་ཀྱིས་རང་གི་ཨན་ཌོ་ཉེར་སྤྱོད་མ་ལག་གི་ནང་དུ་སའེ་ཧྥོན་བཀོལ་ཆས་ཇི་ལྟར་ནང་འཇུག་དང་བེད་སྤྱོད་བྱེད་དགོས་མིན་སྐོར་སློབ་ཐུབ།
བརྒྱུད་རིམ་དང་པོ། སའེ་ཧྥོན་བཀོལ་ཆས་ཇི་ལྟར་ཕབ་ལེན་བྱེད་དགོས།
༡) ཁི་རོམ་བཤེར་ཆས་ཁ་ཕྱེས་རྗེས། དྲ་ཚིགས https://s3.amazonaws.com/loklad.com/eng/psiphon.html འདིའི་ངོས་སུ་ཕེབས། ༢) སྐད་ཡིག་གི་གདམ་གའི་ཁྲོད་ནས་བོད་ཡིག་འདེམས། ༣) ཐོ་གཞུང་གི་མཐེབ་ཅུའི་སྒང་ལ་གནོན། ༤) སའེ་ཧྥོན་འདེམས་རྗེས། མཛུབ་མོས་མར་འཐེན་ཏེ་ཕབ་ལེན་གྱི་གདམ་ག་དེ་འཚོལ། ༥) ཨན་ཌོ་མ་ལག་ནང་དུ་ཕབ་ལེན་བྱེད་པའི་གདམ་ག་དེ་འདེམས། ༦) ཕབ་ལེན་གྲུབ་རྗེས། ནང་འཇུག་ ‘Install’གི་སྒང་དུ་གནོན། ཕབ་ལེན་གྱི་བརྒྱུད་རིམ་ཆ་ཚང་མ་ཚར་བར་དུ་སྒུག་རོགས།
བརྒྱུད་རིམ་གཉིས་པ། སའེ་ཧྥོན་བཀོལ་ཆས་ཇི་ལྟར་བེད་སྤྱོད་བྱེད་དགོས།
༡) སའེ་ཧྥོན་ནང་འཇུག་བྱས་རྗེས། བཀོལ་ཆས་དེ་སྒོ་ཕྱེས། ༢) གདམ་གའི་ ‘Options’ཐོག་ལ་གནོན། ༣) ཁྱེད་ལ་གདམ་ག་གཉིས་རེག་སྲིད། ཡོ་ཆས་ཡོད་ཚད་ལ་ཕུག་ལམ་བཟོ་བའི་‘Tunnel Whole Device’ གདམ་ག་དེ་འདེམས་ནས་ནུས་ཡོད་བཟོས། ཁྱད་ཆོས་འདིས་བཀོལ་ཆས་ཚང་མར་VPN་ཞབས་ཞུ་བེད་སྤྱོད་བྱེད་དུ་འཇུག་གི་ཡོད། ༤) ༼གདམ་ག་མང་བ་༽‘More Options’ ཟེར་བ་དེའི་ནང་འཛུལ་ཏེ། རང་གི་འདོད་མོས་ལྟར་སའེ་ཧྥོན་ལ་བསྒྱུར་བཅོས་ཐོངས། དཔེར་ན། སྒྲ་དང་། འདར་འགུལ་སྒྲིག་བཟོ་སོགས། ༥) ཟུར་འདོན་བཀོལ་ཆས་སྒྲིག་བཟོའི་ ‘Exclude Apps’སྒང་ལ་གནོན། སྒྲིག་བཟོ་འདིས་བཀོལ་ཆས་འདྲ་མིན་གྱི་ཆེད་དུ་སའེ་ཧྥོན་ནུས་མེད་བཟོ་འཇུག་གི་རེད། ༦) སའེ་ཧྥོན་བེད་སྤྱོད་བྱེད་མི་དགོས་པའི་བཀོལ་ཆས་ཚང་མ་འདེམས། བྱེད་ལས་འདིས་བཀོལ་ཆས་བྱེ་བྲག་པ་དེ་དག་གི་ཐོག་ཏུ་སའེ་ཧྥོན་ནུས་མེད་བཟོ་འཇུག་གི་རེད། ༧) གཙོ་ངོས་ལ་ཕྱིར་ལོག་སྟེ། འགོ་འཛུགས་ ‘Start’ ཀྱི་མཐེབ་ཅུ་དེའི་སྒང་ལ་གནོན། དེ་ནས་སའེ་ཧྥོན་གྱིས་སྣང་བརྙན་སྒེར་གྱི་དྲ་བའམ་(VPN)བརྒྱུད་ནས་དྲ་བར་མཐུད་པའི་འགོ་རྩོམ་ངེས། ༨) སའེ་ཧྥོན་གྱིས་ཁྱེད་ལ་དྲ་བའི་འབྲེལ་མཐུད་སྟངས་འཛིན་བྱེད་པའི་ཆོག་མཆན་ཞུ་གི་འདུག ཁྱེད་ཀྱིས་མེད་པར་བཟོ་བའི་གདམ་ག་ ‘Cancel’ དེ་འདེམས་ནས། ཁྱེད་ཀྱི་དྲ་འབྲེལ་ཡོད་ཚད་གསང་བ་ཉར་ཆོག ༩) ཁྱེད་ཀྱི་ཡོ་ཆས་སྒང་དུ་སའེ་ཧྥོན་ནུས་ཡོད་བཟོས་ཡོད་ཚེ། ཁྱེད་ཀྱིས་ status bar་ནང་ནས་ཨིན་ཇིའི་ཡི་གེ་P་ཞིག་མཐོང་གི་རེད། ཁྱེད་ཀྱིས་བཤེར་ཆས་ནང་ནས་whatismyip.com་དྲ་ངོས་ལ་ཕེབས་ཏེ་ཚོད་ལྟའང་བྱེད་ཆོག དྲ་ཚིགས་འདིས་ཁྱེད་རང་གི་ད་ལྟའི་ས་གནས་ཀྱི་གནས་ཚུལ་ལམ་ཁྱེད་ཀྱིས་དྲ་བར་མཐུད་དུས་བེད་སྤྱོད་བྱེད་བཞིན་པའི་ས་གནས་དེ་གསལ་སྟོན་བྱེད་ངེས། སའེ་ཧྥོན་གྱིས་ཁྱེད་རང་དྲ་བར་མཐུད་སྐབས་ཀྱི་བྱེད་ལས་ཡག་ཤོས་ཀྱི་IP་ཁ་བྱང་ཞིག་ལ་རང་འགུལ་གྱིས་མཐུད་ངེས་ཡིན། འོན་ཀྱང་། ཁྱེད་ཀྱིས་ག་དུས་ཡིན་ཡང་དྲ་འབྲེལ་བྱེད་སྐབས་ཀྱི་རང་ཉིད་ཀྱི་IP་ཁ་བྱང་འདེམས་ཆོག མདོ་དོན། སའེ་ཧྥོན་གྱིས་ཁྱེད་རང་གི་IP་ཁ་བྱང་ངོ་མ་དེ་ནམ་ཡང་སྟོན་གྱི་མེད།
བརྒྱུད་རིམ་གསུམ་པ། ས་གནས་གསར་བའི་སྒང་ལ་ཇི་ལྟར་བསྒྱུར་དགོས།
༡༦) ས་གནས་འདེམས་ ‘Select Region’ ཟེར་བ་དེའི་ནང་ནས་མར་དཔྱངས་པའི་ཐོ་གཞུང་གི་སྒང་ལ་གནོན། ༡༧) ཡུལ་གང་ནས་དྲ་འབྲེལ་བྱེད་འདོད་པའི་རྒྱལ་ཁབ་དེ་འདེམས། ང་ཚོས་སི་པན་འདེམས། ༡༨) འགོ་རྩོམ་ ‘Start’ ཟེར་བའི་མཐེབ་ཅུ་དེའི་སྒང་ལ་མནན་ཏེ་དྲ་བར་སྦྲེལ། ༡༩) ཡང་བསྐྱར་རང་གི་བཤེར་ཆས་ནང་ནས་དྲ་ཚིགས་འདི་whatismyip.com་སྒོ་ཕྱེས། ད་ལྟ་ང་རང་སྡོད་སའི་ཧྲང་ཧེ་མཐོང་བའི་ཚབ་ཏུ་སི་པན་རྒྱལ་ཁབ་ཀྱི་མེཌི་རེ་ཌི་གྲོང་ཁྱེར་མཐོང་གི་རེད།