ཨའོ་ཕོ F7 བསྐྱར་ཞིབ། (བོད་ཡིག་གི་གདམ་ག)

ཨའོ་ཕོ F7 བསྐྱར་ཞིབ། (བོད་ཡིག་གི་གདམ་ག)

ཨན་ཌོ་ཁ་པར་གྱི་མ་ལག་རང་གི་ནང་དུ་དང་ཐོག་ནས་བོད་ཡིག་གི་གདམ་ག་ཡོད་པ་དེ་ཐེངས་དང་པོ་ཡིན་པ་མ་ཟད། བོད་ཡིག་གཅིག་པུ་མ་གཏོགས་མི་ཤེས་མཁན་གྱི་བོད་མི་ཞིག་ལ་ཆ་མཚོན་ན། འདི་ནི་ཆེས་དགའ་འོས་པའི་གནས་ཚུལ་ཞིག་ཡིན། རང་པར་བརྒྱབ་ན་སྤུས་ཀ་ལེགས་པའི་ཁྱད་ཆོས་སྣ་འཛོམས་ཅན་གྱི་ཁ་པར་F7 འདིའི་ཁོངས་སུ་བོད་ཡིག་གི་གདམ་ག་སྔ་ས་ནས་སྒྲིག་བཟོ་བྱས་ཡོད་པས། ཁྱེད་ལ་ཁ་པར་འཆར་ངོས་ཀྱི་བཀོལ་ཆས་ཚང་མ་བོད་ཡིག་ནང་བསྒྱུར་དུ་འཇུག་གི་ཡོད། ཨའོ་ཕོ F7 ནང་དུ། བརྡ་ཁྱབ་དང་། སྒྲིག་བཀོད། ཐོ་གཞུང་སོགས་བོད་ཡིག་གི་ནང་དུ་འཆར་ཐུབ། གདམ་ག་འདི་ཁ་པར་ནང་སྔ་ས་ནས་ཡོད་པའི་བཀོལ་ཆས་རིགས་དང་སྒྲིག་བཀོད་ཁོ་ན་ལ་མ་གཏོགས་མེད།

ཨའོ་ཕོ F7 བསྐྱར་ཞིབ། (བོད་ཡིག་གི་གདམ་ག) 2 screenshot

བོད་ཡིག་གི་གདམ་ག་སྒྲིག་བཟོ་ཇི་ལྟར་བྱེད་དགོས།

ཨའོ་ཕོ F7 ཁ་པར་གྱི་སྐད་ཡིག་དེ་བོད་ཡིག་ནང་བསྒྱུར་རྒྱུ་དེ་ཧ་ཅང་ལས་སླ་པོ་ཡིན། དང་པོ། ཁྱེད་རང་ཁ་པར་གྱི་སྒྲིག་བཀོད་ཐོ་གཞུང་ནང་འཛུལ་དགོས། དེ་ནས། སོ་འཁོར་གྱི་རྟགས་(ཨའོ་ཕོ F7 བསྐྱར་ཞིབ། (བོད་ཡིག་གི་གདམ་ག) 3)ཡོད་པའི་ཆེས་མཐོའི་སྒྲིག་བཟོའི་ཁོངས་སུ་འགྲོ་དགོས། དེའི་རྗེས་སུ། སྐད་ཡིག་དང་ནང་འཇུག> སྐད་ཡིག་དང་ས་ཁུལ> སྐད་ཡིག གདམ་ག་དེར་སླེབས་ན། ཁྱེད་ཀྱིས་བོད་ཡིག་འདེམས་ཆོག

ཤོང་ཚད་དང་རིན་གོང་།

ཕྲན་གྱིས་ཚོད་ལྟ་བྱས་པའི་ཨའོ་ཕོ F7 ལ་ སྐབས་བསྟུན་གསོག་ཆས་ཆེ་ཆུང་GB ༤དང་། ནང་གི་ཤོངས་ཚད GB༦༤ རེད་འདུག འོན་ཀྱང་། ཨའོ་ཕོ F7 ལ་ སྐབས་བསྟུན་གསོག་ཆས་ཆེ་ཆུང་GB ༦་ཅན་དང་། ནང་གི་ཤོངས་ཚད GB༡༢༨ ཅན་ཡང་འདུག ཤོངས་ཚད་མི་འདྲ་བའི་སྟབས་ཀྱིས། ཁ་པར་གྱི་་རིན་གོང་ཡང་མི་འདྲ་སྟེ། ཤོངས་ཚད་ཆུང་བའི་ཁ་པར་གྱི་རིན་གོང་ལ་དམངས་སྒོར་༢༡༢༦ དང་། ཤོངས་ཚད་ཆེ་བར་དམངས་སྒོར་༢༦༡༠ཙམ་རེད།

བཟང་ཆ།

  • བོད་ཡིག་གི་གདམ་ག་ཡོད་པ།
  • 25MP རང་ལེན་པར་ཆས་ཡོད་པ།
  • གློག་རྒྱུན་རིང་པོར་འདང་བ།
  • ཁ་པར་གྱི་བྱེད་ལས་མགྱོགས་པོ་ཡོད་པ།

ཞན་ཆ།

  • ཁ་པར་གྱི་ཕྱི་ཐུམ་འགྱིག་གིས་བཟོས་ཡོད་པས། སྤུས་ཀ་ལེགས་པའི་ཚོར་སྣང་མི་སྟེར་བ།
  • ཁ་པར་ཐོན་གསར་བ་གཞན་པ་ནང་བཞིན་པར་ཆས་གཉིས་མེད་པ།
  • གློག་མགྱོགས་པོ་གསོག་བྱེད་མེད་པ།

comments powered by Disqus