འཛམ་གླིང་གི་ཆེས་ཐོག་མའི་ 5G ཁ་པར སྒོ་འབྱེད།

ཀོང་ཏུང་འབྲེལ་འཕྲིན་སྤྱི་གཉེར་ཁང་(广东联通)དང་ཀྲུང་ཞིན་འབྲེལ་མཐུད་་(中兴通讯)་གཉིས་ཀྱིས་མཉམ་འབྲེལ་ཐོག འཛམ་གླིང་གི་ཆེས་ཐོག་མའི་5G ཁ་པར་ཧྲིན་ཀྲིན་གྲོང་ཁྱེར་ནང་སྒོ་འབྱེད་བྱས་ཡོད་ལ། འདི་ནི་ཉེ་ལམ་གྱི་ཆེས་ཚད་ལྡན་གྱི་5G་ངོ་མ་དེ་ཡིན་པ་བརྗོད་ཀྱི་འདུག
སྤྱིར་བཏང་མི་མང་པོ་ཞིག་ལ་ཆ་མཚོན་ན། 5G ནི་ 4G ཡི་སྟེང་ལ་་གྲངས་ཀ་གཅིག་མང་དུ་ཕྱིན་པ་ཞིག་མ་གཏོགས་གོ་རྒྱུ་ཅང་མེད་རུང་། ད་ཆ་འཛམ་གླིང་ཧྲིལ་པོས་5G ཡར་རྒྱས་གཏོང་བའི་ཐད་དུ་ནུས་ཤུགས་གང་མང་འདོན་གྱི་ཡོད། དེའི་རྒྱུ་མཚན་གང་ཡིན་ཞེ་ན། 5G དེ་ 4G དང་བསྡུར་ན།ཤུགས་ཧ་ཅང་ཆེ་བ་ཡོད།
དང་པོ།
5G འཕྲུལ་ཆས་དེ་བེད་སྤྱོད་བཏང་བ་ཡིན་ན། མི་དང་མིའི་བར་གྱི་ཁ་པར་གྱི་འབྲེལ་ལམ་གཏན་ནས་ཆད་མི་ཐུབ། ནམ་རྒྱུན་ང་ཚོས 4G འཕྲུལ་ཆས་བེད་སྤྱོད་གཏོང་བའི་སྐབས་སུ། དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད། དཔེར་ན། ས་ཁུལ་ཁ་ཤས་སུ་བརྡ་རྟགས་ཡག་པོ་མེད་པའི་རྐྱེན་གྱིས། ཁ་པར་གཏོང་དུས། ཆད་འགྲོ་བ་དང་། དྲ་ལམ་རྩེད་མོ་སོགས་རྩེད་དུས་འགག་འགྲོ་བ། རི་མཐོ་ས་དང་། ས་འོག་གི་དོང་ལམ། ཐ་ན། མགྱོགས་ཚད་ཧ་ཅང་མྱུར་བའི་མེ་འཁོར་སོགས་ཀྱི་ནང་དུའང་། ང་ཚོར་གཅིག་མཚུངས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད།
ཡིན་ནའང་། 5G འཕྲུལ་ཆས་ཀྱིས་དཀའ་ངལ་འདི་དག་གཙང་སེལ་བྱེད་ཐུབ་ཀྱི་ཡོད། 5G འཕྲུལ་ཆས་ཀྱིས་ཕྱིར་གཏོང་བའི་བརྡ་རྟགས་ཧ་ཅང་ཤུགས་ཆེན་པོ་ཡིན་པས། བརྡ་རྟགས་ཀྱི་ཁྱབ་ཚད་ཆེ་ལ། ལག་ཐོག་ཁ་པར་དེ་ཆ་ཚང་བ་ཞིག་ཆགས་ཀྱི་ཡོད། དེར་བརྟེན། འབྱུང་འགྱུར་གྱི་དུས་སུ། བརྡ་རྟགས་ཀྱི་དབང་གིས་ཁྱེད་ཀྱི་ཁ་པར་ཆད་འགྲོ་བ་དང་འགག་འགྲོ་བའི་དཀའ་ངལ་དེའི་ཐད་ལ་སེམས་ཁྲལ་བྱེད་མི་དགོས།
གཉིས་པ།
5G འཕྲུལ་ཆས་ཀྱི་ཁེ་ཕན་གཉིས་པ་ནི། པར་རིས་གསལ་བ་མ་ཟད། སྐད་སྒྲ་ཧ་ཅང་གསལ་པོ་ཡིན། ད་ཆ་ཁྱེད་རང་གིས་ཁ་པར་བརྒྱུད་དྲ་བརྙན་རིགས་ལ་ལྟ་དུས། རྩ་བའི་ཆ་ནས་པར་རིས་ཀྱི་སྤུས་ཀ་ཡག་པོ་ཡོད་རུང་།དེར་ཡར་རྒྱས་གཏོང་དགོས་པའི་ཆ་མང་པོ་ཡོད་ལ། 5G འཕྲུལ་ཆས་ཀྱིས་ཡར་རྒྱས་ཀྱི་སྟོང་ཆ་དེ་ཁ་སྐོང་བྱེད་ཀྱི་ཡོད། 5G་བེད་སྤྱོད་གཏོང་མཁན་ཚོས། དྲ་བརྙན་རིགས་ལ་ལྟ་དུས། བརྙན་པར་གྱི་སྤུས་ཚད་སྙོམ་སྒྲིག་བྱེད་མ་དགོས་པར། 5G འཕྲུལ་ཆས་ཀྱིས་རང་འགུལ་གྱི་སྒོ་ནས་བརྙན་པར་དང་སྐད་སྒྲའི་སྤུས་ཚད་མཐོ་ཤོས་དེ་མཁོ་འདོན་བྱེད་ཀྱི་ཡོད།
གནས་ཚུལ་རྒྱས་པ། : www.cqbc.com